Choeze Kuchen | My root guru
780
post-template-default,single,single-post,postid-780,single-format-standard,ajax_fade,page_not_loaded,,qode_grid_1300,qode-content-sidebar-responsive,qode-theme-ver-10.1.2,wpb-js-composer js-comp-ver-5.1,vc_responsive
 

My root guru

My root guru

Homage to my root Guru!

Yogini Khando Dhondup Dolma alias Thinley Wangmo who was the consort of 10th Choezed Tulku Jigme Choewang Lodoe attained Parinirvana this morning.

I was very fortunate to meet her in person back in year 2010. Though we were meeting for the first time, I felt a motherly affection and acquaintance as if we knew each other since long time.

I received numerous pith instructions that she had received from my previous incarnation for which I am very grateful to her. She might be consort of my previous incarnation yet in this life she is my Guru.

Following her Guru’s instruction, she had remain in solitary caves of Drikung Terdam and nunnery near by meditating and diligently practising various instructions including accumulation of Guru Rinpoche and Yeshe Tshogyal for her entire life. As a result, she peacefully attained Parinirvana this morning at sacred Drikung Terdam nunnery this morning.

Demise of great practitioners are very different from normal beings. For them it’s a great relieve and joy as they abandon this fragile body and enters into realm of great bliss. And when the karma of disciples ripe, they reborn into samsara at will.

Yet until then, if anyone wishes to meet to them then they can be found in their teachings in textual form. Hence, it is very important that disciples must read, contemplate and practise their teachings diligently.

དེ་རིང་ཕྱི་ལོ་ ༢༠༡༧ ཟླ་ ༥ པའི་ཚེས་ ༦ ཉིན་ཆོས་མཛད་སྐུ་ཕྲེང་ ༡༠ པའི་མཁའ་འགྲོ་རིགས་བཟང་མ་དོན་འགྲུབ་སྒྲོལ་མའམ་འཕྲིན་ལས་དབང་མོ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་གནས་ཚུལ་ཞིག་བྱུང་འདུག

ཕྱི་ལོ་ ༢༠༡༠ ཡི་ལོར་མཁའ་འགྲོ་ཁོང་དང་དངོས་སུ་མཇལ་བའི་གོ་སྐབས་བཟང་པོ་ཞིག་བྱུང་། དེ་སྔོན་མཚན་ཡང་གོ་མེད་ཀྱང་ཞལ་མཇལ་བ་ཙམ་ལས་རིང་དུ་མ་མཇལ་བའི་མ་ལྟར་ཆེས་ཉེ་བའི་ཚོར་བ་དྲག་པོ་ཞིག་རང་ལ་བྱུང་།

དོན་དུ་ཁོང་བདག་གི་ཕྲེང་ཐོག་གོང་མའི་མཁའ་འགྲོ་ཡིན་ཡང་། ཁོང་དྲུང་ནས་སྐུ་ཕྲེང་གོང་མའི་གདམས་ངག་ཟབ་མོ་མི་ཉུང་བ་ཞིག་ཐོབ་པའི་སྐལ་པ་བྱུང་བར་བརྟེན། རང་གི་བླ་མ་དང་དབྱེར་མེད་དུ་ངོས་འཛིན་བྱེད་ཀྱི་ཡོད།

མཁའ་འགྲོ་དོན་འགྲུབ་སྒྲོལ་མ་མཆོག་ནི། བླ་མའི་གདམས་ངག་རྫེས་སུ་བྱས་ཏེ་མི་ཚེ་ཧྲིལ་པོའི་རིང་འབྲི་གུང་གཏེར་སྒྲོམ་གྱི་རི་ཁྲོད་དུ་མཚམས་ཉམས་ལེན་ཁོ་ན་གནང་སྟེ་བཞུགས་པ་དང་། མཐར་དེ་རིང་སྔ་དྲོ་གནས་ཆེན་དེ་ཉིད་དུ་སྐུའི་བཀོད་བསྡུས་གནང་མཛད།

སྐྱེས་ཆེན་རྣམས་ནི་སྐྱེ་བ་ལ་རང་དབང་ཐོབ་ཡོད་སྟབས་གདུལ་བྱའི་བསོད་ནམས་དང་བསྟུན་སྲིད་པར་སླར་བྱོན་དུ་ནུས་པས་དེ་དག་གཤེགས་པ་དེ་བློ་འགྱོད་ཀྱི་གནས་ཤིག་མིན་པར་སེམས། ད་དུང་བླ་དང་དགོང་མའི་གསུང་རྩོམ་དང་གདམས་ངག་རྣམས་མཇལ་བ་ན་བླ་མ་མཇལ་བ་དང་ཁྱད་མེད་ཡིན་ཕྱིར་གདུལ་བྱ་རྣམས་ནས་དམ་པའི་གསུང་རབས་དག་ལ་ཐོས་བསམ་སྒོམ་གསུམ་གནང་དགོས་པ་ནི་གལ་ཆེ་བར་མཐོང་།།

No Comments

Post A Comment